This is a Tibetan-language television interview with ZTB’s founder and project director, Dr. Kunchok Dorjee. It was published on April 21, 2017 by Tibet TV, the Central Tibetan Administration’s official channel.
“ཉེ་ཆར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང། རྡ་ས་བདེ་ལེགས་སྨན་ཁང་། ཇོན་སི་ཧོཔ་སི་ཀིན་གཙུག་ལག་སློབ་གཉེར་ཁང་ Johns Hopkins University བཅས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མིའི་སློབ་གྲྭ་ཁག་ནང་ཀྲི་སྦི་ནད་གཞི་སྔོན་འགོག་དང་རྩ་མེད་བཟོ་རྒྱུའི་ལས་གཞི་དང་འབྲེལ་བའི་སྐོར་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ལས་གཞི་དེ་དངོས་སུ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༥ ནས་རྡ་ཤོད་བོད་ཁྱིམ་སློབ་གྲྭར་འགོ་འཛུགས་ཀྱིས་རྡ་སའི་ཉེ་འཁོར་གྱི་གཏན་ཉིན་སློབ་གྲྭ་ཁག་ནང་ཀྲི་སྦི་ནད་གཞི་སྔོན་འགོག་དང་རྩ་འགོག་གི་ལས་འཆར་སྤེལ་རྒྱུ་ཡིན་པ་དང་། དེ་ནས་རིམ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་བོད་པའི་སློབ་གྲྭ་ཁག་ཏུ་ལས་འཆར་སྤེལ་རྒྱུ་ཡིན་པ་རེད་འདུག ཐེངས་འདིའི་སྒྲ་བརྙན་གླེང་སྟེགས་ཀྱི་ལས་རིམ་ནང་དུ་གློ་ནད་ཀྲི་སྦི་ནད་གཞི་དེ་གཏན་ནས་འགོག་ཐབས་ཀྱི་ལས་གཞི་འདི་དང་འབྲེལ་བའི་སྐོར་བདེ་ལེགས་སྨན་ཁང་གི་སྨན་པ་ཟུར་པ་དང་ད་ལྟའི་ཆར་དུ་ཀྲི་སྦི་ནད་གཞིའི་སྐོར་ཉམས་ཞིབ་པ་དཀོན་མཆོག་རྡོ་རྗེ་ལགས་དང་མཉམ་དུ་བགྲོ་གླེང་ཞུས་ཡོད།”
“Amid rising cases of TB in Tibetan community, the Dept. of Health, Delek Hospital and US-based Johns Hopkins University tied together to eradicate the TB in the exile Tibetan community. The project titled ‘Zero TB in Tibetan kids: Training to end TB now’ was organised by the Delek hospital and supported by Johns Hopkins Center for TB Research. Dr. Kunchok Dorjee, a post-doctoral fellow at the Johns Hopkins Center for TB Research, takes part in the discussion. The project is currently being implemented at Lower TCV School.”